The 10th Shamarpa’s Parinirvana in Yolmo

The 8th Shamarpa’s birth in Yarlung Dynasty of Yolmo
September 12, 2017
Meeting of Ven. Reyjung with H.H. Shamar Rinpoche and H.H. Gyalwang Karmapa
September 13, 2017
Show all

The 10th Shamarpa’s Parinirvana in Yolmo

༈ རྒྱལ་བའི་འཕྲིན་ལས་ཀྱི་བྱེད་པོ་ཞྭ་དམར་ཅོད་པཎ་འཛིན་པའི་ཡི་གེ།

འཛམ་བུ་བྲ໏᫵ས་མཚན་པའི་གླིང་དུ་གྱུར་པའི་གངས་ཅན་གྱི་ལྗོངས་སྤྱི་དང་བྱེ་བྲག་ཁོལ་འབུ་ཤར་གཞུང་། ཏིལ་དམར། ཡོལ་མོ་བཅས་ཀྱི་ལྷོ་མོན་ཁ་བཞིར་གནས་པའི་ལྷ་སྡེ་མི་སྡེ་ཡོན་བདག དད་ལྡན་མཐའ་དག་རྣམས་ལ་བཟློ་བ། དེ་ཡང་རྒྱལ་བ་གར་གྱི་དབང་པོ་བརྒྱད་པའི་དབོན་རིགས་པདྨ་རྒྱལ་པོའི་སྐུ་སྐྱེ་ཀརྨ་བསྟན་འཛིན་རྣམ་རྒྱལ་འདི་པ་ངེད་རང་གི་སྐྱབས་འོག་ཞུགས་ཤིང་འདི་པའི་གཞིས་དགོན་གྲྭ་བཙུན་སེར་སྐྱ་ཚང་མ་ལ་ད་ཕྱིན་ནས་བཟུང་གྲགས་ཞན་སུས་ཀྱང་དོས་གུ་ལགས་ཁྲལ་རིགས་གཉེད་གཙེར་རིགས་བྱེད་མི་ཆོག་ཅིང་། ལྷག་པར་སྤྲུལ་སྐུ་འདི་ཐོས་བསམ་རྣམ་དཀར་གྱི་བགྱི་བ་མི་དམན་ཞིང་དེ་ལུགས་ཀུན་གྱི་མཆོད་འོས་སུ་གྱུར་པ་ཁྱེད་གོང་འཁོད་ལྷ་འདྲེ་མི་གསུམ་རྣམས་ཀྱིས་རྙེད་དང་བཀུར་སྟི་ཞབས་ཏོག་ཕན་གྲོགས་ཡང་དག་བྱེད་པ་དང་། ལྷག་པར་བླ་མ་འདི་པ་གར་སྡོད་གར་འགྲོ་སར་ཛ་ག་ཕན་གསལ་ཁྱི་བ་སོགས་སླང་མི་ཆོག་པ་དང་། གཞན་ཡང་བླ་མའི་གྲྭ་བཙུན་དགོན་འཁོར་རྣམས་ལ་ལེགས་ཉེས་གང་བྱུང་ཡང་ཁོ་རང་གི་ཁྲིམས་གཅོད་བྱེད་པ་མ་གཏོགས། རྒན་གསུམ་འདུ་ཧར། སྤར་སྨན་ཨུམ་ར་སུས་ཀྱང་དབང་ཤེད་འདྲ་འདྲ་བྱེད་པ་མེད་ཅིང་གང་སྤྱིར་ཁྱེད་གོང་གསལ་གྲགས་ཞར་ཚང་མས་ཕན་གྲོགས་ཡང་དག་བྱེད་མི་རྣམས་ལ་འདི་ཕྱི་དགེ་བའི་སྐྱབས་འཇུག་ཡང་དག་བྱེད་ཅིང་། གལ་སྲིད་གོང་ཚིག་ལས་འདས་ནས་གནོད་འགལ་ལོག་པར་བྱེད་པ་ཤར་ཚེ་ལས་འབྲས་བསླུ་མེད་མཆོག་གི་རྣམ་སྨིན་དང་བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱིས་ཕྲིན་ལས་དྲག་པོས་ཚར་གཅོད་པ་གདོནམི་ཟ་བས་ངེས་པར་འཚལ། ཞེས་གོ་བར་བྱ་བའི་ཡི་གེ་ཤིང་སྦྲུལ་ཟླ་༡༠ ཚེས་༡༥ བཟང་པོར་གནས་ཆེན་ཡོལ་མོ་གངས་རའི་དབེན་དགོན་པདྨ་ཆོས་གླིང་དུ་བྲིས། མདྒལཾ།།