༈ ༀསྭ་སྟི། དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་དམ་དཔལ་ཀརྨ་
པའི་མཚན་འཛིན་པ་བཅུ་གསུམ་པའི་གཏམ།
འཛམ་བུ་བྲཀྴས་མཚན་པའི་གླིང་དུ་གྱུར་པའི་གངས་ཅན་གྱི་ལྗོངས་སྤྱི་དང་བྱེ་བྲག་མངའ་རིས་སྐོར་གསུམ། ལ་སྟོད་དིང་རི། སྙེ་ནམ། ལ་ཕྱི་ཆུ་བར་བཅས་ཀྱི་ལྷ་སྡེ་མི་སྡེ་ཡོན་བདག་དད་ལྡན་མཐའ་དག་ལ་བཟློ་བ། དེ་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རིང་ལུགས་ཀྱི་སྒོར་ཞུགས་པའི་རྗེ་དབོན་བླ་མ་འགྲོ་མགོན་འདི་པ་རྒྱལ་བ་གར་གྱི་དབང་པོ་བརྒྱད་པའི་ཡབ་ཀྱི་སྐུ་སྐྱེ་འཁྲུལ་མེད་ཡིན་པ་ལས་གང་གི་དབོན་རིགས་སུ་འཁྲུངས་ཤིང་ཐོས་བསམ་རྣམ་དཀར་བགྱི་བ་མི་དམན་པས་ཀུན་གྱི་མཆོད་འོས་སུ་གྱུར་པ་འདིར། ཁྱེད་གོང་འཁོད་ལྷ་འདྲེ་མི་གསུམ་རྣམས་ཀྱིས་རྙེད་དང་བཀུར་བའི་ཞབས་ཏོག་ཕན་གྲོགས་ཡང་བྱེད་པ་རྣམས་ལ་འདི་ནས་ཀྱང་འདི་ཕྱི་དགེ་བའི་སྐྱབས་འཇུག་གི་དམིགས་འདུན་ཡང་དག་བྱེད་ཅིང་། གལ་སྲིད་གོང་ཚིག་ལས་འདས་པའི་གནོད་པ་འགལ་ལོག་པར་འགྲོ་བ་བྱས་པ་ཤར་ཚེ། ལས་འབྲས་བསླུ་བ་མེད་པའི་རྣམ་སྨིན་དང་བཀའ་བསྲུང་ཕོ་ཉ་ལས་མཁན་གྱི་འཕྲིན་ལས་དྲག་པོས་ཚར་གཅོད་པ་གདོན་མི་ཟ་བས་ངེས་པར་འཚལ། ཞེས་གོ་བར་བྱ་བའི་ཡི་གེ་ཆུ་ཕག་རྒྱལ་ཉའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཚེས་དགེ་བར། ཆོས་དབྱིངས་བདེ་བ་ཆེན་པོ་འོག་མིན་དཔལ་གྱི་མཚུར་ཕུའི་གནྔྷོ་ལ་ནས་བྲིས། མདྒལཾ།།